Journal Announcement

ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་དང་རྫོང་ཁའི་ཤེས་ཡོན། ཞིབ་འཚོལ་གྱི་ཤེས་ཡོན་ཚུ་ཡར་རྒྱས་གཏང་ཐབས་ལུ་དམིགས་ཏེ་ དུས་ཅི་སྤྱི་ལོ་༢༠༢༢ གི་ལོ་འདི་ནང་ལུ་ རིག་གཞུང་མཐོ་རིམ་སློབ་གྲྭ་གིས་ རིག་མཛོད་དུས་དེབ་ཟེར་བའི་ཡོངས་འབྲེལ་འཆར་སྒོ་ནང་ལུ་ པར་བསྐྲུན་འབད་ནི་ཨིནམ་ལས་ སྤྱི་ཟླ་༧ པའི་སྤྱི་ཚེས་༣༠ གི་ནང་འཁོད་ལུ་ མཁས་དབང་ཆ་ཚུ་གིས་ ཞིབ་འཚོལ་གནང་སྟེ་ཡོད་པའི་རྩོམ་ཤོག་ཚུ་ རིག་གཞུང་མཐོ་རིམ་སློབ་གྲྭའི་ རིག་མཛོད་དུས་དེབ་ཀྱི་ཡོངས་འབྲེལ་འཆར་སྒོ་ journal.clcs.edu.bt ནང་ལུ་ བསྐྱལ་ཏེ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་དང་གཅིག་ཁར་ རྩོམ་ཤོག་བསྐྱར་ཞིབ་འབད་ཐངས་ཀྱི་ལམ་ལུགས་དང་ རྩོམ་ཤོག་བསྐྱལ་ནི་གི་ལམ་སྟོན་ དེ་ལས་རྩོམ་ཤོག་གི་ལམ་སྟོན་ཚུ་གོང་ལུ་བཀོད་དེ་ཡོད་པའི་ ཡོངས་འབྲེལ་འཆར་སྒོ་ནང་ལུ་ཁ་གསལ་འབད་བཀོད་དེ་ཡོད།

བརྗོད་དོན། སྐད་ཡིག་དང་ལམ་སྲོལ། ལྟ་གྲུབ།

སྐད་ཡིག། རྫོང་ཁ་དང་ཆོས་སྐད་གང་རུང་།

སྤྲོད་ཚེས། ༣༠/༠༧/༢༠༢༢།