སློབ་སྦྱོང་ལས་རིམ་གྱི་དམིགས་ཡུལ། Aims of the Programme
སློབ་སྦྱོང་ལས་རིམ་འདི་གཙོ་བོ་ དེང་དུས་ཀྱི་སློབ་སྟོན་ཐབས་ལམ་ཐོག་ལས་ རང་ལུགས་ཀྱི་རིག་གཞུང་དང་ ལམ་སྲོལ་གྱི་ ཤེས་ཡོན་དང་རིག་རྩལ་སྤྲོད་ཐབས་ལུ་ཨིན། ལས་རིམ་འདི་ནང་ རྫོང་ཁ་དང་ཆོས་སྐད་ཀྱི་རིག་གཞུང་དང་ རང་ལུགས་མཐུན་མོང་མིན་པའི་ སྒྲིག་ལམ་དང་ གླུ་གཞས་དང་སྙན་ཆའི་ལམ་སྲོལ་ཚུ་ དཔྱད་ཞིབ་ཀྱི་ཐོག་ལས་གཏིང་ཟབ་སྦེ་སློབ་སྦྱོང་འབད་ཚུགས་པའི་ཁར་ དེང་དུས་ཀྱི་ གློག་རིག། འབྲི་རྩལ་དང་ ཞིབ་འཚོལ་འབད་ཐངས་ཚུ་ སྦྱོང་བརྩོན་འབད་ཚུགས། དེ་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ རིག་གཞུང་དང་ལམ་སྲོལ་ཚུ་ བརྡ་སྤྲོད་དང་འཛིན་སྐྱོང་འབད་ཚུགསཔ་མ་ཚད་ བརྩི་མཐོང་དང་ཤ་ཞན་ལ་སོགས་པའི་བསམ་སྤྱོད་རྣམ་དག་གི་ཐོག་ལས་ ཤེས་ཡོན་དང་རིག་རྩལ་ཚུ་ལག་ལེན་འཐབ་ཚུགས།
གཙུག་ལག་གཞི་རིམ་སློབ་སྦྱོང་ལས་རིམ་གྱི་གྲུབ་འབྲས། Objectives of the Programme
སློབ་སྦྱོང་ལས་རིམ་འདི་མཇུག་བསྡུཝ་ད་ མཐར་འཁྱོལ་མི་ཚུ་གིས།
༡ རྫོང་ཁ་དང་ཆོས་སྐད་ཀྱི་མིང་ཚིག་རྗོད་པ་ཚུ་ འབྲི་སླབ་ཀྱི་གནས་སྟངས་ནང་ མ་འཛོལ་བར་ལག་ལེན་འཐབ་ཚུགས།
༢ གློག་རིག་དང་ ཤེས་ཡོན་འབྲི་རྩལ་ཚུ་ ཕན་ནུས་ཅན་འབད་ལག་ལེན་འཐབ་ཚུགས།
༣ ཨིང་སྐད་ཀྱི་ཤེས་ཡོན་ལག་ལེན་འཐབ་སྟེ་ བརྡ་དོན་སྤྲོད་ལེན་འབད་ཚུགས།
༤ རྫོང་ཁ་དང་ཆོས་སྐད་ཀྱི་ ཕྲད་རྣམ་དབྱེ་དང་ དུས་གསུམ་གྱི་ ཤེས་ཡོན་དང་རིག་རྩལ་ཚུ་ འབྲི་སླབ་ཀྱི་གནས་སྟངས་ནང་ ལག་ལེན་འཐབ་ཚུགས།
༥ རྫོང་ཁ་དང་ཆོས་སྐད་ཀྱི་ཕྲད་རྣམ་དབྱེ་དང་ དུས་གསུམ་གྱི་རྣམ་གཞག་ཚུ་ གོ་བསྡུར་འབད་དེ་དབྱེ་ཞིབ་འབད་ཚུགས།
༦ ཆོས་སྐད་ཀྱི་ཕྲད་རྣམ་དབྱེ་དང་ བདག་གཞན་དུས་གསུམ་གྱི་ དཀའ་གནད་ཚུ་ག་བསྡུར་འབད་དེ་དོགས་དཔྱད་འབད་ཚུགས།
༧ སྙན་ངག་གི་རྒྱན་ཚུ་གི་དབྱེ་བ་དང་ཁྱད་པར་ཚུ་ ངོས་འཛིན་འབད་དེ་ རྒྱན་གྱི་ཁྱད་རྣམ་དང་འཁྲིལ་ རྫོང་ཁ་དང་ཆོས་སྐད་ནང་ སྙན་རྩོམ་རྐྱབ་ཚུགས།
༨ འབྲི་རྩལ་གྱི་ཤེས་ཡོན་དང་རིག་རྩལ་ལག་ལེན་འཐབ་སྟེ་ རྩོམ་རིག་ཚུ་དབྱེ་དཔྱད་དང་ སྤུས་ཚད་ཅན་འབད་གསར་རྩོམ་འབད་ཚུགས།
༩ རྩོམ་རིག་དང་འབྲི་རྩལ་ཚུ་ནང་ ལུང་འདྲེན་དང་རྒྱབ་རྟེན་ཚུ་ཚུལ་མཐུན་སྦེ་ལག་ལེན་འཐབ་ཚུགས།
༡༠ བྱང་སེམས་ཀྱི་སྤྱོད་པ། ཆོས་མངོན་པ། དབུ་མའི་གཞི་ལམ་འབྲས་གསུམ་དང་ བདེ་གཤེགས་སྙིང་པོའི་ ནང་དོན་ཚུ་ གྲོས་བསྡུར་དང་ཁུངས་བཀལ་ཏེ་བཤད་པ་རྐྱབ་ཚུགས།
༡༡ རང་ལུགས་མཐུན་མོང་མིན་པའི་ལམ་སྲོལ་ སྒྲིག་ལམ་དང་ གླུ་གཞས་སྙན་ཆའི་གནད་དོན་ཚུ་ ངོས་འཛིན་འབད་དེ་རྒྱབ་ཁུངས་བཀལ་ཚུགས།
༡༢ རང་ལུགས་ཀྱི་སྒྲིག་ལམ་རྣམ་གཞག་དང་ བཅའ་སྒྲིག་གི་རིམ་པ་ཚུ་ བརྡ་སྤྲོད་དང་ གནས་དང་སྟངས་དང་འཁྲིལ་ལག་ལེན་འཐབ་ཚུགས།
༡༣ གླུ་གཞས་ཀྱི་ཁྱད་རྣམ་ཚུ་ ལག་ལེན་འཐབ་སྟེ་ གནས་སྟངས་དང་མཐུན་པའི་ བོད་སྒྲ་གསར་རྩོམ་དང་ དེ་དང་འཁྲིལ་བའི་སྒྲ་གདངས་བཟོ་ཚུགས།
༡༤ རང་ལུགས་ཀྱི་སྙན་ཆ་ གང་རུང་གསུམ་ གདངས་དབྱངས་དང་འཁྲིལ་དཀྲོགས་ཚུགས།
༡༥ རང་ལུགས་གཞུང་སྒྲ་དང་བོད་སྒྲ་ཚུ་ ཚིག་དང་འཁྲིལ་ལེའུ་བསྒྱུར་ཏེ་འགྲེམས་སྟོན་འབད་ཚུགས།
༡༦ ཞིབ་འཚོལ་གྱི་ཤེས་ཡོན་དང་རིག་རྩལ་ལག་ལེན་འཐབ་ཐོག་ལས་ ཞིབ་འཚོལ་གྲོས་འཆར་བཟོ་སྟེ་ཞིབ་འཚོལ་འབད་ཚུགས།
༡༧ རྒྱལ་ཁབ་ཀྱི་ངོ་རྟགས་དང་རང་བཙན་ལུ་ཤ་ཞེན་བསྐྱེད་དེ་ རང་གི་རིག་གཞུང་དང་ལམ་སྲོལ་ཚུ་འཛིན་སྐྱོང་དང་བདག་འཛིན་འཐབ་ཚུགས།
༡༨ ལྷག་བསམ་རྣམ་དག་གི་བསམ་སྤྱོད་ཚུ་ མི་ཚེའི་གནས་སྟངས་ནང་ཁེ་ཕན་ཅན་སྦེ་ལག་ལེན་འཐབ་ཚུགས།
རྩ་གཞུང་སྒྲིག་བཀོད། Curriculum Structure
Yr. | Sem | Module Code and Name | ||||
I | I | LXG101 དག་ཡིག། | LDZ101 རྫོང་ཁའི་སྐད་ཡིག། | LCK101 སུམ་ཅུ་པ། | ICT101 IT Skills | DAS101 ཤེས་ཡོན་འབྲི་རྩལ། |
II | LCK102 རྟགས་འཇུག། | BOC101 བྱང་སེམས་སྐྱེས་པའི་ཐབས། | PCK201 རང་དཔེ་གཟུགས་གསུམ། | CGB101 འབྲུག་གི་སྲོལ་རྒྱུན། | LAG101 Integrated Skills | |
II | I | LDZ203 རྫོང་ཁ་བརྡ་སྤྲོད་རྣམ་གཞག། | BOC202 བྱང་སེམས་མི་ཉམས་པའི་ཐབས། | PCK202 གསལ་སོགས་བཅུ། | BCP201 ནང་པའི་སྤྱིར་བཏང་སྒོམ་ཐབས། | CSM201 གླུ་གཞས་དང་སྙན་ཆ་དང་པ། |
II | LCK203 ཕྲད་རྣམ་དབྱེ་ཞིབ་སྦྱོང་། | BOC203 བྱང་སེམས་གོང་དུ་སྤེལ་བའི་ཐབས། | PCK203 ཕྲ་སོགས་ཉེར་གཉིས། | DCS201 ཡིག་བསྐུར་རྣམ་གཞག། | CSM202 གླུ་གཞས་དང་སྙན་ཆ་གཉིས་པ། | |
III | I | LCK304 བདག་གཞན་དུས་གསུམ། | BMP301 མངོན་པ། | DLG301 རྫོང་ཁའི་ཚིགས་བཅད་རྩོམ་རིག། | RES301 སྤྱིར་བཏང་ཞིབ་འཚོལ་ཐབས་ལམ། | CEQ302 སྒྲིག་ལམ་དང་པ། |
II | LCK405 བརྡ་སྤྲོད་མཐའ་དཔྱད། | PHB301 འབྲུག་གི་འབྱུང་རབས། | LAG402 Language through Literature | DCW301 རྫོང་ཁའི་སྒྱུ་རྩལ་འབྲི་རྩལ། | CEQ303 སྒྲིག་ལམ་གཉིས་པ། | |
IV | I | LSK201 ལེགས་སྦྱར། | BMW301 དབུ་མའི་གཞི་ལམ་འབྲས་གསུམ། | PFR401 སྙན་ངག་ཐོག་མཐའ། | WHT301 World History | RHB401 འབྲུག་གི་ཆོས་འབྱུང་། |
II | BBN401 བདེ་གཤེགས་སྙིང་པོ། | CAT403 ཉེར་མཁོའི་རྩིས་ཀྱི་རྣམ་གཞག། | RES402 ཞིབ་འཚོལ་གྲོས་འཆར་དང་ལས་འགུལ། |