Admission for DE Students

དུས་ཅི་གནམ་ལོ་༢༠༡༨གནམ་དགུན་ངལ་གསོའི་སྐབས་གཙུག་ལག་མཐོ་རིམ་ཤེས་ཡོན་སྦྱང་ནི་དོན་ལུ་རྫོང་ཁ་དང་རིག་གཞུང་ ནང་གཙུག་ལག་གཞི་རིམ་ལག་ཁྱེར་འཆང་མི་ཚུ་འཛུལ་ཞུགས་གི་དོན་ལུ་ཞུ་ཡིག་ཚུ་བཙུགས་གནང་ཟེར་ཞུ་ནི་ཨིན། ཞུ་ཡིག་འབྲི་ཤོག་ཕོམ་ཚུ་སྤྱི་ཟླ་༡༡་པའི་སྤྱི་ཚེས་༡༧་ལས་སྤྱི་ཟླ་༡༢་པའི་སྤྱི་ཚེས་༡༠ཕྱི་རུ་ཆུ་ཚོད་༤་ནང་འཁོད་ལུ་བཙུགས་དགོཔ་དང་འབྲི་ཤོག་ཚུ་སློབ་གྲྭའི་ཡོངས་འབྲེལ་ཨང་www.clcs.edu.btཐོག་ལས་ཕབ་ལེན་འབད་ཚུགསཔ་ཨིན། ཞུ་ཡིག་འབྲི་ཤོག་དང་གཅིག་ཁར་གཤམ་འཁོད་ཡིག་ཆ་ཚུ་བཙུག་དགོ།

༡༽ མི་ཁུངས་ངོ་སྤྲོད་ལག་འཁྱེར་འདྲ།
༢༽ གཙུག་ལག་གཞི་རིམ་ཤེས་ཡོན་གྱི་སྐུགས་ཤོག།
༣༽ གཞུང་སྒེར་ལས་བྱེད་ཨིན་པ་ཅིན་རང་སོའི་ཡིག་ཚང་ལས་ཉོགས་མེད་ཡི་གུ།

འབྲི་ཤོག་དང་འབྲེལ་ཡོད་ཡིག་ཆ་ཚུ་ངོམ་ཀོ་ཏ་ཚེ་རིང་དང་གཅིག་ཁར་ཡོངས་འབྲེལ་ཁ་བྱང་kotatshering15.clcs@rub.edu.bt༼༡༦༩༡༠༦༡༢༽ ཐོག་ལས་ངོས་ལེན་འབད་ནི་ཨིན། སྤྱི་ཟླ་༡༢་པའི་སྤྱི་ཚེས་༢༤་ལུ་བཙག་འཐུའི་ཆོས་རྒྱུགས་ལེན་ནི་དང་གདམ་འཐུ་སྒྲུབ་མི་ཚུ་འཕྲོ་རྐྱང་སྟེ་སློབ་སྦྱོང་འབད་ནི་ཨིནམ་ལས་མཁོ་ཆེ་བའི་ཅ་ཆས་ཚུ་གྲ་སྒྲིག་འབད་དེ་བྱོན་གནང་ཟེར་ཞུ་ནི་ཨིན།དེ་བཟུམ་སྦེ་ཤེས་ཡོན་སྦྱང་འཕྲོ་ཡོད་མི་སློབ་ཕྲུག་རྙིངམ་ཚུ་སྤྱི་ཟླ་༡༢་པའི་སྤྱི་ཚེས་༢༢་ལུ་སྙན་ཞུ་འབད་དགོཔ་དང་སྤྱི་ཚེས་༢༤་ལས་ཆོས་རྒྱུགས་འགོ་བཙུགས་ནི་ཨིན། ཉལ་ཁྱིམ་ནང་སྡོད་ནིའི་དང་འདོད་ཡོད་པ་ཅིན་ངོམ་སྐལ་བཟང་དཔལ་མོ་དང་གཅིག་ཁར་བརྒྱུད་འཕྲིན་ཨང་༡༧༥༩༧༨༠༢་ཐོག་ལས་སྤྱི་ཟླ་༡༢་པའི་སྤྱི་ཚེས་༡༠་གི་ནང་འཁོད་ལུ་ཐོ་བཀོད་འབད་དགོཔ་ཨིན། གལ་སྲིད་ཐོ་བཀོད་མ་འབད་བར་ཤུལ་ལས་ཉལ་ཁྱིམ་མ་ཐོབ་པའི་ཉོགས་བཤད་རེ་འཐོན་པ་ཅིན་བདག་སྐྱོང་གིས་ཉེན་ཁ་མི་འབག་ཟེར་ཁྱབ་བསྒྲགས་འབདཝ་ཨིན། ཁ་གསལ་གྱི་དོན་ལུ་ཤེས་ཡོན་སྦྱང་འབྲེལ་ལས་རིམ་འགོ་འདྲེན་པ་སློབ་ཀརྨ་རིག་འཛིན་དང་གཅིག་ཁར་བརྒྱུད་འཕྲིན་ཨང་༡༧༦༤༧༥༢༠ཐོག་ལས་ཡིག་ཚང་དུས་ཚོད་ཁར་འབྲེལ་བ་འཐབ་གནང་ཟེར་ཞུ་ནི་ཨིན།

Download Forms

HOSTEL REGISTRATION FORM

MA-Registration-Form

Academic Calendar

Gallery

  • Academic Block