རིག་གཞུང་སྨྱུག་སྡེ།
རིག་གཞུང་མཐོ་རིམ་སློབ་གྲྭ། སྟག་རྩེ།
འཆར་སྣང་།
དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་རང་དབང་རང་བཙན་དང་ ངོ་རྟགས་བསྐྱོད་པའི་གཞི་རྟེན་སྒྲིགས་ལམ་ཆོས་གསུམ་ལུ གཞི་བཞག་སྟེ་ རིག་གཞུང་གི་རྩ་བ་སྐད་ཡིག་དང་རྩོམ་རིག མི་ཉམས་པར་གོ་འཕེལ་གཏང་ནི།
དམིགས་ཡུལ།
- རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ཡར་རྒྱས་དང་བདག་འཛིན་འཐབ་ནི།
- སློབ་ཕྲུག་རང་སོའི་ལྕོགས་གྲུབ་བསྟན་བཅུག་ནི།
- སློབ་ཕྲུག་ཚུ་ལུ་རྫོང་ཁའི་འཆད་རྩོད་ རྩོམ་དང་སྒྲུང་ལུ སེམས་ཤུགས་བསྐྱེད་བཅུག་ནི།
ཚོགས་ཕྲན་ཀྱིས་ལས་རིམ།
སློབ་ཕྲུག་ཚུ་གིས་བར་ན་རྩོད་བསྡུར་དང་ འཆད་རྩོད་ལས་རིམ་ཚུ་འགོ་འདྲེན་འཐབ་སྟེ གོ་སྐབས་ཚུ་བྱིན་ནི།
དེ་ལས་ རྩོམ་བྲི་ནི་གི་ལས་རིམ་བསྒྲིགས་ཏེ སློབ་དཔོན་དང་སློབ་ཕྲུག་གཉིས་ཆ་ར་གི་བརྩམས་ཆོས་ཚུ བསྡུ་སྟེ་པར་སྐྲུན་འབད་ནི།
