སློབ་སྦྱོང་ལས་རིམ་གྱི་དམིགས་ཡུལ། Aims of the Programme
སློབ་སྦྱོང་ལས་རིམ་འདི་གཙོ་བོ་ རྫོང་ཁ་། ཆོས་སྐད་དང་ ཨིང་སྐད་ཀྱི་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་གི་ཐོག་ལས་ རྫོང་ཁ། ཆོས་སྐད་དང་ ཨིང་སྐད་ཀྱི་ སྐད་ཡིག་དང་རྩོམ་རིག་གི་ ཤེས་ཡོན་དང་རིག་རྩལ་གྱི་ལྕོགས་གྲུབ་སྤྲོད་ཐབས་ལུ་ཨིན།
ལས་རིམ་འདི་ནང་ སློབ་ཕྲུག་ཚུ་གིས་ ཞིབ་འཚོལ་གྱི་ཐོག་ལས་ སྐད་ཡིག་དང་རྩོམ་རིག་གི་སློབ་སྦྱོང་འབད་ཚུགསཔ་མ་ཚད་ རྫོང་ཁ། ཆོས་སྐད་དང་ ཨིང་སྐད་ཀྱི་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་གི་ཐོག་ལས་ ནང་དོན་ཤེས་ཡོན་དང་ འབྲུག་གི་ཐུན་མོང་མིན་པའི་ལམ་སྲོལ་དང་ དེ་དང་འབྲེལ་བའི་བརྩི་མཐོང་དང་ཤ་ཞེན་ལ་སོགས་པའི་ བསམ་སྤྱོད་ཀྱི་ཤེས་ཡོན་དང་ རིག་རྩལ་ཚུ་སློབ་སྦྱོང་འབད་ཚུགས།
འདི་གིས་སློབ་ཕྲུག་ཚུ་ལུ་ སྐད་ཡིག་དང་རྩོམ་རིག་ཤེས་ཡོན་གི་ ལྕོགས་གྲུབ་ཐོབ་ཚུགསཔ་མ་ཚད་ ཞིབ་འཚོལ་གྱི་རིག་རྩོལ་དང་ མཉམ་འབྲེལ་དང་བརྡ་དོན་སྤྲོད་ལེན་གྱི་རིག་རྩལ་ཚུ་ཡང་ཐོབ་ཚུགས།
གཙུག་ལག་གཞི་རིམ་སློབ་སྦྱོང་ལས་རིམ་གྱི་གྲུབ་འབྲས། Objectives of the Programme
གཙུག་ལག་གཞི་རིམ་་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་ལས་རིམ་འདི་མཇུག་བསྡུཝ་ད་ གཙུག་ལག་གཞི་རིམ་འོག་མའི་སློབ་སྦྱོང་གྲུབ་འབྲས་ཀྱི་ཐོག་ཁར་ སློབ་ཕྲུག་ཚུ་གིས།
-
རྩོམ་རིགས་ཀྱི་གནད་དོན་ཚུ་ མི་སྡེ། ལམ་སྲོལ་དང་ སྲིད་དོན་ཚུ་དང་འབྲེལ་མཐུན་དབྱེ་དཔྱད་འབད་ཚུགས།
-
འབྲུག་པའི་ལམ་སྲོལ་ཚུ་འགྲེལ་བཤད་དང་དཔྱེ་སྟོན་འབད་ཚུགས།
-
རྫོང་ཁ་དང་ཆོས་སྐད་ཐོག་ལུ་སྙན་ངག་གི་རྒྱན་དང་འཁྲིལ་འབྲི་རྩོམ་ཚུ་སྤུས་ཚད་དང་ལྡནཔ་འབད་རྐྱབ་ཚུགས།
-
རྫོང་ཁ་དང་ཨིང་སྐད་ཐོག་ ལྕོགས་གྲུབ་ཅན་འབད་འབྲི་སླབ་འབད་ཚུགས།
-
ནང་འཁོད་ཡོངས་གྲགས་མེན་པའི་ ལམ་སྲོལ་ཚུ་ལྷབ་སྦྱངས་དང་ཞིབ་འཚོལ་ཐོག་ལས་བརྟག་དཔྱད་འབད་ཚུགས།
-
རྫོང་ཁ་དང་ཨིང་སྐད་ཐོག་ སྙན་ཞུ་དང་དཔེ་རིགས་ཚུ་ རྩོམ་རིག་ཀྱི་དབྱེ་བ་སོ་སོའི་ལམ་ལུགས་དང་འཁྲིལ་འབྲི་ཚུགས།
-
རྫོང་ཁ། ཆོས་སྐད་དང་ ཨིང་སྐད་གསུམ་ནང་ སྐད་བསྒྱུར་སྤུས་ཚད་ཅན་འབད་རྐྱབ་ཚུགས།
-
མཁས་རིག་ཅན་གྱི་དབྱེ་དཔྱད་དང་ ཞིབ་བརྟག་གི་རིག་རྩལ་ཚུ་འབྲི་སླབ་ཀྱི་ཐོག་ལུ་ལག་ལེན་འཐབ་ཚུགས།
-
རིག་གཞུང་དང་ལམ་སྲོལ་དང་འབྲེལ་བའི་བརྗོད་དོན་གྱི་ཐོག་ལུ་ སྤྱིར་བཏང་གྱི་ཞིབ་འཚོལ་འགོ་འདྲེན་འཐབ་ཚུགས།
-
སྤྱིར་བཏང་གློག་རིག་རིག་རྩལ་ཚུ་ཤེས་ཡོན་ནང་ཁེ་ཕན་ཅན་འབད་ལག་ལེན་འཐབ་ཚུགས།
-
རྩོམ་རིག་དབྱེ་ཞིབ་ཀྱི་རིག་རྩལ་ཚུ་ལག་ལེན་འཐབ་སྟེ་ རྩོམ་རིག་ཚུ་དབྱེ་ཞིབ་འབད་ཚུགས།
-
རྩོམ་རིག་ཚུ་དཔྱད་ཞིབ་ཐོག་ལས་ རྩིས་མཐོང་ཤེས་ཡོན་ཚུ་ལུ་ དང་འདོད་དང་ཉམས་སྲུང་འབད་ཚུགས།
-
འབྲུག་གི་ཐུན་མོང་མིན་པའི་ ལམ་ལུགས་སྲོལ་ཚུ་ལུ་ངལ་རངས་དང་ བརྩི་མཐོང་དཔྱེ་སྟོན་འབད་ཚུགས།
རྩ་གཞུང་སྒྲིག་བཀོད། Curriculum Structure
Yr. |
Sem |
Module Code and Name |
||||
I |
I |
KYG101བརྡ་སྤྲོད་དང་པ། (དག་ཡིག) |
KYG102་བརྡ་སྤྲོད་གཉིས་པ། (སུམ་ཅུ་པ།) |
PHY101ནང་ཆོས་ངོ་སྤྲོད། |
LIN101-Introduction to Linguistics |
ACS101་Academic Skills |
II |
KYG103བརྡ་སྤྲོད་གསུམ་པ། (རྟགས་འཇུག) |
KYG104བརྡ་སྤྲོད་བཞི་པ།(རྫོང་ཁ་བརྡ་སྦྱོར།) |
ETQ101-སྒྲིག་ལམ། |
LAN101Grammar, Vocabulary and Phonology in Context |
ICT101IT Skills |
|
II |
I |
TSM201-ཡིག་བསྐུར་རྣམ་གཞག |
TSM202-སྙན་ངག་དང་པ། (རང་དཔེ་གཟུགས་གསུམ།) |
གདམ་ཁ་ཆོས་ཚན། |
KYG205 ལེགས་སྦྱར། /Sanskrit |
LIT201Literary Genre I |
གདམ་ཁ་་སྦྱོང་ཚན་དང་པ། |
||||||
AST201རྩིས་དང་པ། |
SAM201གླུ་གཞས་དང་སྙན་ཆ་དང་པ་། |
ICY201ལྷ་བྲིས་དང་པ། |
MSD201གར་འཆམ་དང་པ། |
TXT201ཐགས་བཟོ་དང་པ། |
||
II |
KYG206བརྡ་སྤྲོད་ལྔ་པ།(ཕྲད་རྣམ་དབྱེ་ཞིབ་སྦྱོང་།) |
TSM203སྙན་ངག་གཉིས་པ། (གསལ་སོགས་བཅུ།) |
གདམ་ཁ་ཆོས་ཚན། |
TRA201-Translation I |
LIT202-Literary Genre II |
|
གདམ་ཁ་་སྦྱོང་ཚན་གཉིས་པ། |
||||||
AST202 རྩིས་གཉིས་པ། |
SAM202 གླུ་གཞས་དང་སྙན་ཆ་གཉིས་པ། |
ICY202ལྷ་བྲིས་གཉིས་པ། |
MSD202གར་འཆམ་གཉིས་པ། |
TXT202 ཐགས་བཟོ་གཉིས་པ། |
||
III |
I |
PHY302མངོན་པ། |
KYG307བརྡ་སྤྲོད་དྲུག་པ།(བདག་གཞན་ཞིབ་སྦྱོང་།) |
RES101-Basic Research Methods |
TRA302-Translation II |
LIT303 Introduction to Literary Theory |
II |
TSM304སྙན་ངག་གསུམ་པ། (ཕྲ་སོགས་ཉེར་གཉིས།) |
PHY303དབུ་མ། |
TSM305ལེགས་བཤད། |
TSM306ངག་རྒྱུན་རྩོམ་རིག |
LIT 304 Contemporary Literature |
|
IV |
I |
KYG408བརྡ་སྤྲོད་བདུན་པ། (བརྡ་སྤྲོད་མཐའ་དཔྱད།) |
TSM407སྙན་ངག་བཞི་པ། (སྙན་ངག་ཐོག་མཐའ།) |
PHY404བདེ་གཤེགས་སྙིང་པོ། |
LIN402Lingustics and Languages of Bhutan |
LIT405 Introductioin to Creative Writing |
II |
TSM408ནང་སྲོལ་རྩོམ་གཞུང་། |
LIT406 Autobiographical Writings |
RES403Research Project |