ཞིབ་འཚོལ་གྲོས་འཆར་བྲི་ཐངས་ཀྱི་སྦྱོང་བརྡར།

ཞིབ་འཚོལ་འདི་ རང་གི་རྒྱུད་ལུ་ཡོན་ཏན་ཡར་རྒྱས་བཏང་ནི་དང་ ཤེས་ཡོན་བརྗེ་སོར་འབད་ནི་གི་དོན་ལུ་ ཁག་ཆེཝ་ཨིནམ་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཞིབ་འཚོལ་གྱི་ཤེས་ཡོན་སྤྲོད་ཐབས་ལུ་དམིགས་ཏེ་ སྤྱི་ལོ་༢༠༢༡ སྤྱི་ཟླ་༨ པའི་སྤྱི་ཚེས་༢༨ ལུ་ རིག་གཞུང་མཐོ་རིམ་སློབ་གྲྭའི་ ནང་ཆོས་ཞིབ་འཚོལ་ལྟེ་བ་དང་ ཧི་མ་ལཱ་ཡའི་ཞིབ་འཚོལ་ལྟེ་བ་གཉིས་ཀྱིས་འགོ་འདྲེན་ཐོག་ དང་འདོད་ཅན་གྱི་ སློབ་ཕྲུག་༥༡ དེ་ཅིག་ལུ་ མཁས་དབང་ ཚེ་རིང་དོན་གྲུབ་དང་ལེགས་བཤད་པ་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་ རྫོང་ཁ་དང་དབྱིན་སྐད་ཐོག་ལུ་ ཞིབ་འཚོལ་གྲོས་འཆར་འབྲི་ཐངས་ཀྱི་

Read more

༢༠༢༡ ལོའི་གཙུག་ལག་འོག་མ་སྐད་ཡིག་དང་བརྡ་དོན་རིག་རྩལ་ལས་གཙུག་ལག་གཞི་རིམ་ནང་འཛུལ་ཞུགས།

གཙུག་ལག་འོག་མ་སྐད་ཡིག་དང་བརྡ་དོན་རིག་རྩལ་སློབ་སྦྱོང་ལས་རིམ་ནང་ལས་ གཙུག་ལག་གཞི་རིམ་ལོ་ངོ་གསུམ་པ་ནང་གདམ་འཐུ་གྲུབ་མི་སློབ་ཕྲུག་ཚུ་ མཐོ་རིམ་སློབ་གྲྭ་ནང ༢༠༢༡ ལོའི་སྤྱི་ཟླ ༧ པའི་སྤྱི་ཚེས ༡༨ ལུ་སྙན་ཞུ་འབད་དགོཔ་ཨིན། དགོས་མཁོ་ཆེ་བའི་ཅ་ལའི་རིགས་ཚུ་ཨིང་སྐད་སྡེ་ཚན་ནང་བཀོད་བཞག་ཡོད།

Read more

གཙུག་ལག་འོག་མ་སྐད་ཡིག་དང་བརྡ་དོན་རིག་རྩལ་ལས་གཙུག་ལག་གཞི་རིམ་ནང་འཛུལ་ཞུགས་ཐེངས་གཉིས་པ།

ཚད་གཞི།རིག་གཞུང་མཐོ་རིམ་སློབ་གྲྭ་དོ་རུང་ཡང་གཙུག་ལག་འོག་མ་ལས་གཙུག་ལག་གཞི་རིམ་ལོ་ངོ་གསུམ་པ་ནང་འཛུལ་ཞུགས་ཀྱི་དོན་ལས་མི ༩ གི་ས་སྟོང་ཡོདཔ་ཨིན། འོག་གི་ཚད་གཞི་དང་འཁྲིལ་བཙུགས་ནི་ཨིན། འཛུལ་ཞུགས་འདི་ གཙུག་ལག་འོག་མ་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་ལས་རིམ་ནང་ སྐུགས་ཀྱི་ཚད་གཞི་ཉུང་མཐའ་ བརྒྱ་ཆ་ལས་ ༥༥% ཐོབ་སྟེ་མཐར་འཁྱོལ་བའི་ཁར་ མཐར་འཁྱོལ་བའི་ཤུལ་ལུ་ཉུང་མཐའ་ལོ་ངོ་གཉིས་ཀྱི་རིང་ལུ་ འབྲེལ་ཡོད་ལས་སྡེ་ནང་ལཱ་གཡོག་འབད་ཡོད་པའི་ཉམས་མྱོང་དགོཔ་ཨིན། སྐུགས་ཀྱི་ཚད་གཞི་བརྒྱ་ཆ་ ༥༥% འདི་ཡང་ ལོ་ངོ་དང་པའི་ཆོས་རྒྱུགས་གྲུབ་འབྲས་ལས་ བརྒྱ་ཆ་ ༣༠% དང་ ལོ་ངོ་གཉིས་པའི་ཆོས་རྒྱུགས་གྲུབ་འབྲས་ལས་

Read more

ས་སྟོང་གསལ་བསྒྲགས།

སྟག་རྩེ་རིག་གཞུང་མཐོ་རིམ་སློབ་ནང་ལུ་གཤམ་འཁོད་ས་སྟོང་གསལ་བསྒྲགས་ཡོདཔ་ཨིན། གོ་གནས་ཀྱི་དབྱེ་བ། : དཔེ་མཛོད་ལས་རོགས། གོ་གནས་ཀྱི་གནས་རིམ། : ༡༣ གཡོག་གི་དབྱེ་ཁག། : ཁག་འབག། (ལོ་ངོ་གཉིས) ལཱ་གཡོག་སྡེ་ཚན། : བདག་སྐྱོང་དང་འཕྲུལ་རིག། གནས་རིམ་སྡེ་ཚན། : ལྟ་རྟོག་དང་རྒྱབ་སྐྱོར་སྡེ་ཚན། ས་སྟོང་། : ༡

Read more

༢༠༢༡ ལོའི་གཙུག་ལག་གཞི་རིམ་ལས་གཙུག་ལག་གཞི་མཆོག་ནང་འཛུལ་ཞུགས།

༢༠༢༡ ལོ་ངོ་གསུམ་པ་སློབ་ཕྲུག་ཚུ་གི་གཙུག་ལག་གཞི་མཆོག་ནང་ཡི་གུ་བཙུག་གནང་། ཚད་གཞི། གཙུག་ལག་གཞི་མཆོག་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་ལས་རིམ་ནང་འཛུལ་ཞུགས་ཀྱི་དོན་ལུ་ གཙུག་ལག་གཞི་རིམ་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་ནང་སློབ་སྟོན་འབད་ཡོད་པའི་ སྦྱོང་ཚན་ཡོངས་རྫོགས་མཐར་འཁྱོལ་དགོ་པའི་ཁར་  སྤྱི་བསྡོམས་སྐུགས་ཀྱི་ཚད་གཞི་ཉུང་མཐའ་ བརྒྱ་ཆ་ལས་ ༧༠% ཐོབ་དགོ། སྐུགས་ཀྱི་ཚད་གཞི་བརྒྱ་ཆ་ ༧༠% འདི་ཡང་ གཙུག་ལག་གཞི་རིམ་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་ལས་རིམ་ལས་ ལོ་ངོ་དང་པའི་ཆོས་རྒྱུགས་གྲུབ་འབྲས་ལས་ བརྒྱ་ཆ་ ༢༠% དང་ ལོ་ངོ་གཉིས་པའི་ཆོས་རྒྱུགས་གྲུབ་འབྲས་ལས་ བརྒྱ་ཆ་

Read more