སློབ་གྲྭའི་ཟ་སྤྱོད་ཁང་ནང་བཟའ་ཆས་ཚོང་དང་ཤ་ཚུ་ བཀྲམ་སྤེལ་འབད་ནིའི་རིན་བསྡུར།།

ཀྲོང་གསར་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་རྩིས་ལོ་༢༠༢༡-༢༠༢༢ གི་ལོ་ལུ་ སློབ་གྲྭའི་ཟ་སྤྱོད་ཁང་ནང་བཟའ་ཆས་ཚོང་དང་ཤ་ཚུ་ བཀྲམ་སྤེལ་འབད་ནིའི་དོན་ལས་ ཚད་གཞི་ལྡན་པའི་ཚོང་གི་ཆོག་ཐམ་འཆང་མི་རིན་བསྡུར་པ་ཚུ་གིས་རང་སོའི་རིན་བསྡུར་ཡིག་ཆ་ཚུ་ སྤྱི་ཟླ་༠༩ པའི་སྤྱི་ཚེས་༡༥ ཕྱི་རུ་ཆུ་ཚོད་༡:༠༠ གི་ནང་འཁོད་བཙུགས་དགོཔ་དང་ རིན་བསྡུར་ཡིག་ཆ་ཚུ་དེ་ཚེ་ཉི་མ་ཕྱི་ནི་ཟེར་ གསལ་བསྒྲགས་འབདཝ་ཨིན། ཁ་གསལ་གྱི་དོན་ལུ་ སློབ་གྲྭའི་བདག་སྐྱོང་ངོམ་ཀོ་ཏ་ཚེ་རིང་ང་གཅིག་ཁར་ འགྲུལ་འཕྲིན་ཨང་༡༦༩༡༠༦༡༢ ནང་འབྲེལ་བ་འཐབ་གནང་ཟེར་གསལ་བསྒྲགས་འབདཝ་ཨིན། རིན་བསྡུར་ཡིག་ཆ་ཕབ་ལེན་འབད་ནིའི་དོན་ལས་ ན་ལུ་ཨེབ་གནང་།  

Read more

ཞིབ་འཚོལ་གྲོས་འཆར་བྲི་ཐངས་ཀྱི་སྦྱོང་བརྡར།

ཞིབ་འཚོལ་འདི་ རང་གི་རྒྱུད་ལུ་ཡོན་ཏན་ཡར་རྒྱས་བཏང་ནི་དང་ ཤེས་ཡོན་བརྗེ་སོར་འབད་ནི་གི་དོན་ལུ་ ཁག་ཆེཝ་ཨིནམ་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཞིབ་འཚོལ་གྱི་ཤེས་ཡོན་སྤྲོད་ཐབས་ལུ་དམིགས་ཏེ་ སྤྱི་ལོ་༢༠༢༡ སྤྱི་ཟླ་༨ པའི་སྤྱི་ཚེས་༢༨ ལུ་ རིག་གཞུང་མཐོ་རིམ་སློབ་གྲྭའི་ ནང་ཆོས་ཞིབ་འཚོལ་ལྟེ་བ་དང་ ཧི་མ་ལཱ་ཡའི་ཞིབ་འཚོལ་ལྟེ་བ་གཉིས་ཀྱིས་འགོ་འདྲེན་ཐོག་ དང་འདོད་ཅན་གྱི་ སློབ་ཕྲུག་༥༡ དེ་ཅིག་ལུ་ མཁས་དབང་ ཚེ་རིང་དོན་གྲུབ་དང་ལེགས་བཤད་པ་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་ རྫོང་ཁ་དང་དབྱིན་སྐད་ཐོག་ལུ་ ཞིབ་འཚོལ་གྲོས་འཆར་འབྲི་ཐངས་ཀྱི་

Read more