ཞིབ་འཚོལ་གྲོས་འཆར་བྲི་ཐངས་ཀྱི་སྦྱོང་བརྡར།

ཞིབ་འཚོལ་འདི་ རང་གི་རྒྱུད་ལུ་ཡོན་ཏན་ཡར་རྒྱས་བཏང་ནི་དང་ ཤེས་ཡོན་བརྗེ་སོར་འབད་ནི་གི་དོན་ལུ་ ཁག་ཆེཝ་ཨིནམ་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཞིབ་འཚོལ་གྱི་ཤེས་ཡོན་སྤྲོད་ཐབས་ལུ་དམིགས་ཏེ་ སྤྱི་ལོ་༢༠༢༡ སྤྱི་ཟླ་༨ པའི་སྤྱི་ཚེས་༢༨ ལུ་ རིག་གཞུང་མཐོ་རིམ་སློབ་གྲྭའི་ ནང་ཆོས་ཞིབ་འཚོལ་ལྟེ་བ་དང་ ཧི་མ་ལཱ་ཡའི་ཞིབ་འཚོལ་ལྟེ་བ་གཉིས་ཀྱིས་འགོ་འདྲེན་ཐོག་ དང་འདོད་ཅན་གྱི་ སློབ་ཕྲུག་༥༡ དེ་ཅིག་ལུ་ མཁས་དབང་ ཚེ་རིང་དོན་གྲུབ་དང་ལེགས་བཤད་པ་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་ རྫོང་ཁ་དང་དབྱིན་སྐད་ཐོག་ལུ་ ཞིབ་འཚོལ་གྲོས་འཆར་འབྲི་ཐངས་ཀྱི་ སྦྱོང་བརྡར་བྱིན་ཡོདཔ་ཨིན།