གཙུག་ལག་འོག་མ་སྐད་ཡིག་དང་བརྡ་དོན་རིག་རྩལ་ལས་གཙུག་ལག་གཞི་རིམ་ནང་འཛུལ་ཞུགས་ཐེངས་གཉིས་པ།

ཚད་གཞི།རིག་གཞུང་མཐོ་རིམ་སློབ་གྲྭ་དོ་རུང་ཡང་གཙུག་ལག་འོག་མ་ལས་གཙུག་ལག་གཞི་རིམ་ལོ་ངོ་གསུམ་པ་ནང་འཛུལ་ཞུགས་ཀྱི་དོན་ལས་མི ༩ གི་ས་སྟོང་ཡོདཔ་ཨིན། འོག་གི་ཚད་གཞི་དང་འཁྲིལ་བཙུགས་ནི་ཨིན།

འཛུལ་ཞུགས་འདི་ གཙུག་ལག་འོག་མ་སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་ལས་རིམ་ནང་ སྐུགས་ཀྱི་ཚད་གཞི་ཉུང་མཐའ་ བརྒྱ་ཆ་ལས་ ༥༥% ཐོབ་སྟེ་མཐར་འཁྱོལ་བའི་ཁར་ མཐར་འཁྱོལ་བའི་ཤུལ་ལུ་ཉུང་མཐའ་ལོ་ངོ་གཉིས་ཀྱི་རིང་ལུ་ འབྲེལ་ཡོད་ལས་སྡེ་ནང་ལཱ་གཡོག་འབད་ཡོད་པའི་ཉམས་མྱོང་དགོཔ་ཨིན། སྐུགས་ཀྱི་ཚད་གཞི་བརྒྱ་ཆ་ ༥༥% འདི་ཡང་ ལོ་ངོ་དང་པའི་ཆོས་རྒྱུགས་གྲུབ་འབྲས་ལས་ བརྒྱ་ཆ་ ༣༠% དང་ ལོ་ངོ་གཉིས་པའི་ཆོས་རྒྱུགས་གྲུབ་འབྲས་ལས་ བརྒྱ་ཆ་ ༧༠% ལུ་གཞི་བཞག་སྟེ་གཏན་འབེབས་འབད་ནི་དང་། འཛུལ་ཞུགས་འདི་ལོ་ངོ་ ༥ གི་ནང་འཁོད་འབད་དགོཔ་དང་  དེ་ལས་ལྷག་པ་ཅིན་ འཛུལ་ཞུགས་གོ་སྐབས་མེད། འཛུལ་ཞུགས་ཀྱི་བཙག་འཐུ་འདི་ མཐོ་རིམ་སློབ་གྲྭའི་གློག་རིག་ཡོངས་འབྲེལ་ཐོག་ལས་ སྐུགས་ཀྱི་ཐོ་ཚད་དང་འཁྲིལ་ ཤོ་ཐེངས་རེ་ལུ་ སློབ་ཕྲུག་ ༡༠ ལུ་ གཙུག་ལག་གཞི་རིམ་སྐད་ཡིག་དང་རྩོམ་རིག་ལོ་ངོ་གསུམ་པ་ནང་འཛུལ་ཞུགས་ཀྱི་གོ་སྐབས་བྱིན་ནི་ཨིན། 

མཐོ་རིམ་སློབ་གྲྭ་ནང ༢༠༢༡ ལོའི་སྤྱི་ཟླ ༧ པའི་སྤྱི་ཚེས ༡༨ ལུ་སྙན་ཞུ་འབད་དགོཔ་ཨིན།

སེམས་ཁར་ངེས་དགོཔ།

སློབ་ཕྲུག་ཚུ་གིས་སེམས་ཁར་ངེས་དགོཔ་འདི་ཡང ༢༠༢༢ ལས་ལན་ཐེངས་མཇུག་སྦེ་ལེན་ཞིནམ་ལས་ འདི་གི་ཤུལ་ལས་མི་ལེན་ཟེར་ཞུ་ནི་ཨིན། དེ་གི་ཤུལ་ལས་འོང་མི་ཚུ་གཙུག་ལག་གཞི་རིམ་ལོ་ངོ་གསུམ་པ་ལོ་ངོ་གཉིས་ལྷབ་དགོཔ་ཨིན་མས། དེ་ཡང་སྔོན་མ གཙུག་ལག་འོག་མ་ནང་མ་ལྷབ་མི་སྦྱོང་ཚན་འཐེབ ༡༠ ལྷབ་དགོཔ་ཨིན་པས།