འཆར་སྣང་དང་དམགིས་དོན།

འཆར་སྣང་།

རིག་གཞུང་སློབ་ཕྲུག་བགྲེས་ཚོགས་ཀྱིས་སློབ་ཕྲུག་བགྲེསཔ་དང་སློབ་ཕྲུག་ཚུ་གི་བར་ན་འབྲེལ་བ་བཟོ་ནི་དང་ཁོང་གིས་རིག་གཞུང་མཐོ་རིམ་སློབ་གྲྭ་ལུ་ཞབས་ཏོག་ཞུ་ནིའི་འགན་ལེན་སྒྲིང་སྒྲིང་བཟོ་ནི་ལུ་བརྩོན་ཤུགས་བསྐྱེདཝ་ཨིན།

དམིགས་ལཱ།

རིག་གཞུང་སློབ་ཕྲུག་བགྲེས་ཚོགས་ཀྱིས་ སློབ་ཕྲུག་བགྲེསཔ་དང་སློབ་ཕྲུག་ཚུ་གི་བར་ན་ལས་རིམ་སྣ་ཚོགས་འགོ་འདྲེན་ཏེ་ཕན་ཚུན་གྱི་འབྲེལ་བ་འདི་གོང་འཕེལ་གཏང་ལུ་བརྩོན་ཤུགས་བསྐྱེད་ནི།

ལས་རིམ་འདི་གིས་སྤྱི་མཐུན་གྱི་སྤྲོ་བ་ཡོད་པའི་མཁས་མཆོག་ཚུ་གཅིག་ཁར་འཛོམས་ཏེ་མཐོ་རིམ་སློབ་གྲྭའི་སློབ་སྟོན་པ་ཚུ་དང་ཟུང་ཕྱོགས་མཐུན་འབྲེལ་བཟོ་ནི།

 རིག་གཞུང་སློབ་ཕྲུག་བགྲེས་ཚོགས་ཀྱི་དགོས་དོན།

རིག་གཞུང་སློབ་ཕྲུག་བགྲེས་ཚོགས་འདི་ རིག་གཞུང་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་བགྲེསཔ་དང་སློབ་ཕྲུག་ སློབ་སྟོན་པ། ལས་བྱེད་ཚུ་ལུ་ཞིབ་འཚོལ་གྱི་ལས་དོན་གོ་འཕེལ་དང་སློབ་སྟོན་དང་སློབ་སྦྱོང་ལས་རིམ་གྱི་མ་དོ་བར་མི་སྡེའི་ལསརིམ་སྣ་ཚོགས་ཀྱི་ཐོག་ལས་གྲོགས་རམ་འབད་ནིའི་དོན་ལས་འགོ་འདྲེན་འཐབ་ནི་ལུ་དམིགས་གཏན་བསྐྱེདཔ་ཨིན།

  • མི་སྡེའི་ལས་རིམ་སྣ་མང་ཐོག་་ རིག་གཞུང་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་བགྲེསཔ་དང སློབ་ཕྲུག སློབ་སྟོན་པ། ལས་བྱེད་ཚུ་གི་བར་ན་བརྡ་སྤྲོད་དང་མཐུན་འབྲེལ་ཚུ་གསོ་སྐྱོང་འབད་དེ་མཉམ་འབྲེལ་བཟོ་ནི།
  • རིག་གཞུང་སློབ་གྲྭའི་ལས་གཡོགཔ་དང་སློབ་ཕྲུག་ཚུ་གི་ཕན་བདེ་ཡར་རྒྱས་གཏང་ནི་དང་ སླཽབ་གྲྭ་ནང་སློབ་ཕྲུག་བགྲེསཔ་གི་བར་ན་ཕན་ཚུན་ཁེ་ཕན་གྱི་འབྲེལ་བ་གཞི་བཙུགས་འབད་ནི།
  • ཞིབ་འཚོལ་གྱི་སྤུས་ཚད་དང་ སློབ་སྟོན་དང་སློབ་སྦྱོང་གོང་འཕེལ་ དེ་ལས་ང་བཅས་རའི་ལམ་སྲོལ་དང་སྔར་སྲོལ་གོང་འཕེལ་དང་མི་ཉམས་རྒྱུན་སྐྱོང་འབད་ནིའི་དོན་ལས་སློབ་ཕྲུག་བགྲེསཔ་ཚུ་ལས་ཁས་བླངས་ཐོག་མ་དངུལ་རྒྱབ་སྐྱོར་དང་ཞལ་འདེབས་འཐོབ་བཟོ་ནི།
  • མཐོ་རིམ་སློབ་གྲྭའི་དམིགས་བསལ་གྱི་ཤེས་ཡོན་གྱི་ཉམས་མྱོང་ཐོག་སློབ་ཕྲུག་བགྲེས་ཚོགས་ཀྱི་ཁྱོསམ་ཚུ་ ་ སློབ་ཕྲུག་དང་ སློབ་སྟོན་པ། ལས་བྱེད་ཚུ་གི་དགོས་མཁོ་མ་འདྲཝ་ཚུ་་ལམ་སྟོན་དང་འཁྲིལ་་ལེགས་སྐྱོང་འབད་ནི།