འཐུས་མིའི་གོ་གནས།

དེ་ནང་ལུ་འཐུས་མིའི་གོ་གནས་ཁག་གཉིས་སྦེ་ཡོདཔ་ཨིན།

 ༡ གཏན་འཇགས་ཀྱི་འཐུས་མི་འདི་རིག་གཞུང་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་བགྲེསཔ་ཚུ་ཨིན། གཏན་འཇགས་ཀྱི་འཐུས་མི་ཚུ་ལས་འཛིན་གྱི་ཚོགས་རྒྱན་བསྐྱུར་མི་འཐུས་མི་ཨིན།

༢ ཆེ་བསྟཽད་ཀྱི་འཐུས་མི་འདི་བཀོད་ཚོགས་ཀྱི་བརྩི་འཇོག་འབད་མི་རིག་གཞུང་མཐོ་རིམ་སློབ་གྲྭ་ལུ་ཐུན་མོང་མ་ཡིན་པའི་གྲོགས་རམ་གནང་མི་འདི་ཨིན། ཆེ་བསྟཽད་ཀྱི་འཐུས་མི་ཚུ་ཚོགས་རྒྱན་བསྐྱུར་བའི་འཐུས་མི་མེན། 

རིག་གཞུང་སློབ་ཕྲུག་བགྲེས་ཚོགས་ཀྱི་ལོ་བསྟར་འཐུས་མི་ཞལ་འཛོམས་འདི་ འཐུས་མི་ཚུ་ལུ་ཉུང་མཐའ་ཉིནམ་བཅུ་ཐམ་གྱི་སྔོན་མ་བཀོད་ཚོགས་ཀྱི་མདོ་ཆེན་གྱི་ཐག་བཅད་བཅདཔ་གི་ས་གོ་དང་དུས་ཚོད་ཁྱབ་བསྒྲགས་འབད་ཞིནམ་དང་ཚོགས་ནི་ཨིན། ཐུན་མོང་མ་ཡིན་པའི་ཞལ་འཛོམས་འདི་འཐུས་མི་བརྒྱ་ཆ ༡༠ གཏན་འཇགས་ཀྱི་འཐུས་མི་ཚུ་གིས་ཉིནམ ༣༠ གི་སྔོན་མ་གསོལ་འདེབས་ཕུལ་བ་ཅིན་ཚོགས་ནི་ཨིན། འཐུས་མིའི་གོ་གནས་ཞལ་འཛོམས་གཞན་ཡང་བཀོད་ཚོགས་མདོ་ཆེན་གྱི་དབང་ཚད་དང་བསྟུན་ཚོགས་ནི་ཨིན། འཐུས་མིའི་ལོ་བསྟར་ཞལ་འཛོམས་དགོས་དོན་ནང་འཐུས་མི ༡༥ ཚོགས་གྲངས་འོང་དགོཔ་ཨིན།