གཙུག་ལག་མཐོ་རིམ་ཤེས་ཡོན་རིག་གནས་ཟབ་སྦྱོང་སློབ་སྦྱོང་།

དམིགས་ཡུལ། 

སྤྱིར་གཏང་ང་བཅས་རའི་ལམ་སྲོལ་ནང་ཡོད་པའི་རིག་པའི་མཛོད་ཁང་བཀའ་དང་བསྟན་བཅོས་ཀྱི་སྐད་ཡིག་འདི་ཆོས་སྐད་ཨིན། དེ་རྟོགས་ནི་གི་དོན་ལུ་ཆོས་སྐད་འདི་མཐིལ་ཕྱིན་འབད་ཤེས་དགོཔ་ཁག་ཆེ། བརྡ་སྤྲོད་པའི་གཞུང་ལུགས་ལུ་མཁས་ཞིནམ་ལས་རང་གི་ རྩོམ་ནི་ལུ་མཁས་མཆོག་འགྱོ་ནི་ལུ་ཕན་ཐོགས་ཡོདཔ་ཨིན། སྙན་ངག་དང་བརྡ་སྤྲོད་པའི་གཞུང་ཚུ་ལུ་སྦྱང་བ་ཡོདཔ་ལས་བརྟེན་ཏེ་མཁས་པའི་བྱ་བ་གསུམ་ལས་བཤད་ནི་དང་རྩོམ་ནི་ལུ་མཁས་པ་འགྱོ་ཚུགས།  རིག་གནས་ཀྱི་ཤེས་ཡོན་དེ་ལས་བརྟེན་ཏེ་སྔོན་བྱོན་མཁས་པའི་གསུང་ཚུ་ལུ་ཞིབ་འཚོལ་དང་རྟོག་ཞིབ་ཀྱི་གཞི་འགྱམ་ཐོབ་ནི་ཨིན།  ཆོས་སྐད་འདི་རྫོང་ཁའི་གཞི་རྩ་ངོ་མ་འབདཝ་ལས་བརྟེན་ཏེ་རྫོང་ཁའི་ཤེས་ཡོན་རྒྱ་བསྐྱེད་གཏང་ནི་ལུ་ཡང་ཕན་ཐོགས་ཡོདཔ་ཨིན།  དེ་འབདཝ་ལས་རྫོང་ཁའི་སྐད་ཡིག་སློབ་སྦྱོང་ནང་ལུ་དགོས་མཁོ་ཆེ་ཤོས་ཤིག་ཨིན། ལས་རིམ་འདི་གིས་སློབ་སྦྱོང་པ་སོ་སོའི་རྒྱུད་ལུ་བསམ་སྤྱོད་ལྡན་པའི་ཞིབ་འཚོལ་རིགས་འབད་ཚུགསཔ་མ་ཚད་ཤེས་ཡོན་ལས་སྡེ་དང་ཞིབ་འཚོལ་ལས་སྡེ་ཚུ་ནང་ལུ་ཡང་ལཱ་གཡོག་གི་གོ་སྐབས་འཐོབ་ནི་ལུ་འོས་བབས་སྦོམ་ཡོདཔ་ཨིན།

ལས་དོན། 

ལས་རིམ་འདིའི་སློབ་སྦྱོང་མཇུག་བསྡུཝ་ད་ལུ་སློབ་སྦྱོང་པ་ཚུ་གིས།

༡ སློབ་སྦྱོང་པ་ཚུ་གིས་རྫོང་ཁ་དང་ཆོས་སྐད་རིག་གཞུང་ནང་ལུ་དབྱེ་དཔྱད་ལྡན་པའི་ཞིབ་འཚོལ་ཐོག་ལས་རང་དབང་གིས་རྫོང་ཁ་གོང་འཕེལ་གཏང་ཚུགས།

༢ སྤྱིར་གཏང་རྫོང་ཁའི་འབྲི་ལྷག་གི་རིག་རྩལ་རྐྱངམ་ཅིག་མ་ཚད་པར་གཙུག་ལག་མཐོ་རིམ་གྱི་གནས་ཚད་ནང་གི་རིག་གནས་སྦྱོང་ཚན་ཚུ་ལེགས་ཤོམ་སྦེ་ལྷབ་ཞིནམ་ལས་དབྱེ་ཞིབ་རྩོམ་སྒྲིག་ཚུ་ཐོགས་ཆགས་མེད་པར་རྒྱ་བསྐྱེད་གཏང་ཚུགས།

༣          དེང་དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་རིག་གཞུང་གི་ཤེས་ཡོན་ལུ་མཁས་པར་འགྱོ་ཚུགས།

༤          སྔོན་བྱོན་མཁས་པའི་གོམས་གཤིས་ཚུ་སྙན་རྩོམ་ཐོག་ལས་འབྲི་རྩོམ་འབད་ཚུགས།

༥          དུས་བསྟུན་གྱི་གནད་དོན་ཚུ་ཁུངས་དཔྱད་ཞིབ་འཚོལ་གྱི་ཐོག་ལས་གསར་རྩོམ་འབད་ཚུགས།

༦          སྐད་ཡིག་སློབ་སྦྱོང་འདི་ལུ་བརྟེན་ཏེ་རྫོང་ཁའི་གོང་འཕེལ་གཏང་ནི་ལུ་ལྷན་ཐབས་སྦོམ་ཅིག་ཐོབ་ཚུགས།

རྩ་གཞུང་སྒྲིག་བཀོད། 

ལོ་ངོ་།སྦྱོང་ཚན།སྦྱོང་འཐུས།
༡. སྨྲ་སྒོ་མཚོན་ཆ།༡༥
༢. མཚམས་སྦྱོར་ལྔ་པ།༡༥
ལོ་ངོ་དང་པ།༣. གནས་བརྒྱད་རྩ་འགྲེལ།༡༥
༤. རྫོང་ཁའི་སྐད་ཡིག་ཞིབ་འཚོལ། དུས་ཀྱི་འཕོ་འགྱུར་དང་བསྟུན་པའི་རྫོང་ཁའི་

འགྱུར་བ་དང་གོང་འཕེལ།/རྫོང་ཁ་ནང་ཆོས་ཀྱི་མིང་ཚིག་དང་བྱ་ཚིག་སོགས་ཀྱི་འབྲེལ་བ་ཞིབ་འཚོལ།

 

༡༥

བསྡོམས།༦༠
ལོ་ངོ་།སྦྱོང་ཚན།སྦྱོང་འཐུས།
༡. གབ་ཚིག་དང་སྐྱོན་སེལ་གྱི་རྣམ་གཞག༡༥
༢. སྙན་ངག་ཟུང་ལྡན་ཆ་ཚང་གི་རྣམ་གཞག༡༥
ལོ་ངོ་གཉིས་པ།༣. བཀས་བཅད་རིམ་གསུམ་གྱི་ཐ་སྙད་ཀྱི་འགྱུར་བ།  ལི་ཤི་གུར་ཁང་།༡༥
༤. སྐྱེས་རབས་སོ་བཞི་པ།༡༥
བསྡོམས།༦༠
ལོ་ངོ་།སྦྱོང་ཚན།སྦྱོང་འཐུས།
༡. རྩོམ་རིག    ༼དཔྱད་རྩོམ༽  ཞིབ་འཚོལ་སྦྱོང་ཚན་ལྷབ་དགོ༦༠
བསྡོམས།༦༠
དྲན་གསོ།སློབ་སྦྱོང་ལོ་ངོ་གསུམ་གྱི་དོན་ལུ་སྦྱོང་ཚན་ཡོངས་བསྡོམས་༡༠་དང་སྦྱོང་འཐུས་༡༨༠་

ཐོག་ལུ་བཟོ་ཡི།