ངོ་སྤྲོད།

རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ཀྲོང་གསར་ཁྲོམ་ལས་གཞལམ་སྒང་གཞུང་ལམ་བདའ་སྟེ་ཀུན་དགའ་རབ་བརྟན་ཕོ་བྲང་ཕྱོགས་ལུ་ཀི་ལོ་མི་ཀྲར་༢༣་དེ་ཅིག་གི་ས་ཁར་ཆགས་ཏེ་ཡོད། ཀུན་དགའ་རབ་བརྟན་ཕོ་བྲང་འདི་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་ཀྱི་དགུན་གྱི་བཞུགས་གནས་ཨིན་པས། ཧེ་མ་སློབ་གྲྭ་འདི་ཡོངས་གྲགས་ལུ་རིག་གནས་སློབ་གྲྭ་ཟེར་སླབ་ཨིན་པས། སློབ་གྲྭ་འདི་གནམ་ལོ་ལྕགས་ཕོ་གླང་ལོ་རང་ཟླ་༦་པའི་ཚེས་༤་སྤྱི་ལོ་༡༩༦༡་སྤྱི་ཟླ་༧་པའི་སྤྱི་ཚེས་༡༦་ལུ་ཐིམ་ཕུ་དབང་འདུས་རྩེ་ལུ་སྦེ་གཞི་བཙུགས་གནང་ནུག།

སློབ་གྲྭ་འདི་མི་དབང་ཞིང་གཤེགས་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གི་དབུ་འདྲེན་ཐོག་ལུ་གཞི་བཙུགས་གནང་ནུག ཆོས་ཀྱི་དབུ་ཁྲིད་དམ་པ་སྐྱབས་རྗེ་ཞིང་གཤེགས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ (༡༩༡༠-༡༩༩༡) མཆོག་གིས་སློབ་གྲྭ་དེ་གི་དབུ་འཛིན་དང་པ་འབད་མཛད་གནང་ནུག(༡༩༦༡-༦༣)། དེ་བསྒང་སློབ་ཕྲུག་ཡོངས་བསྡོམས་ལྔ་བཅུ་བཙུགས་ཏེ་འགོ་བཙུགས་གནང་ནུག ཟླཝ་གཉིས་ཀྱི་ཤུལ་ལས་ སློབ་གྲྭ་འདི་སེམས་རྟོགས་ཁ་རྫོང་ནང་གནས་སྤོ་སྟེ་ གནམ་ལོ་བརྒྱད་ཅུ་གྱ་གྲངས་ཚུན་རྫོང་གི་ནང་ལུ་སྡོད་ནུག ཤུལ་ལས་རྫོང་འདི་གྲྭ་ཚང་ལྷན་ཚོགས་ཀྱིས་རྩིས་བཞེས་ཞིནམ་ལས་སློབ་གྲྭ་དེ་རྫོང་གི་ལྟག་ལུ་ས་གནས་འཇམ་དཔལ་གླིང་ཟེར་ས་སྤོ་བཤུད་འབད་དེ་ལོ་ངོ་ཉེར་ལྔ་གི་རིང་ལུ་རིག་གནས་སློབ་གྲྭ་འདི་ས་གནས་དེ་ཁར་ཆགས་ནུག།

སྤྱི་ལོ་༡༩༨༩་ལུ་རྩ་གཞུང་ངོ་མ་འདི་འགོ་ཐོག་དང་པ་བསྐྱར་བཟོ་འབད་དེ་ལམ་སྲོལ་གྱི་ཆོས་ཚན་བཙུགས་ཏེ་ལོ་དེ་ནང་རང་རིག་གཞུང་མཐོ་རིམ་སློབ་གྲྭ་ལུ་ཡར་སེང་འབད་ནུག འགོ་ཐོག་དང་པ་བུམོ་བཞི་བཅུ་ཞེ་གསུམ་བཙུགས་ཏེ་མི་ལོ་༢༧ གྱི་རིང་ཕོ་རྒས་རྐྱངམ་ཅིག་བཙུགས་ཡོད་པའི་སྲོལ་འདི་བསྒྱུར་བཅོས་བཏང་ནུག སྤྱི་ལོ་༡༩༩༧་ལུ་ སློབ་གྲྭ་འདི་སྒྲིག་མཐུན་གྱི་སྒོ་ལས་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་སྦེ་ཡར་སེང་བརྐྱབས་ཏེ་རྩ་གཞུང་གསརཔ་དེ་ལག་ལེན་འཐབ་ནུག རྒྱ་གར་གྱི་འབྲིང་རིམ་ཤེས་ཡོན་ལག་ཁྱེར་ (ICSE) མཐར་ཁྱོལ་མི་སློབ་ཕྲུག་སྡེ་ཚན་དང་པ་ ༣༥ རྩ་གཞུང་གསརཔ་ནང་འཛུལ་ཞུགས་འབད་ནུག སློབ་ཕྲུག་༣༥ ལས་༩་དེ་བུམོ་དང་༢༦་དེ་བུཚུ་ཨིན་པས། སྤྱི་ལོ་༡༩༩༩ གི་ལོ་ལུ་ གཙུག་ལག་གཞི་རིམ་སྐད་ཡིག་དང་ལམ་སྲོལ་སློབ་སྦྱོང་ནང་ལོ་ངོ་གསུམ་འབད་མི་ སློབ་ཕྲུག་འགོ་ཐོག་༡༩བཙུགས་ཏེ་འགོ་བཙུགས་གནང་ནུག དེ་འབདཝ་ལས་སྤྱི་ལོ་༡༩༩༩ གི་ལོ་འདི་རིག་གཞུང་མཐོ་རིམ་སློབ་གྲྭའི་རྒྱལ་རབས་ ནང་བྱུང་རབས་ཅན་གྱི་ལོ་སྦེ་གོམ་པ་མདུན་དུ་སྤོ་གནང་ནུག སློབ་སྦྱོང་དེ་ཕྱི་ལས་གྲོགས་རམ་ག་ནི་ཡང་མ་ལེན་པ་རང་གི་རྒྱལ་ ཁབ་ནང་ རང་གི་ཡུལ་ལས་ཐོན་པའི་སློབ་སྦྱོང་འགོ་ཐོག་ཨིན་པས། 

འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གཞི་གཙུག་མ་འབད་བའི་ཧེ་མ་ རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ཤེས་རིག་ལྷན་ཁག་གི་མངའ་འོག་ལུ་ཨིན་པས། ཨིན་རུང་སྤྱི་ལོ་༢༠༠༤ སྤྱི་ཟླ་༥་པའི་སྤྱི་ཚེས་༢༨་ལུ་མཐོ་རིམ་སློབ་གྲྭ་ཚུ་གི་གྲལ་ལས་རིག་གཞུང་མཐོ་རིམ་སློབ་གྲྭ་འདི་ སྒྲིག་མཐུན་གྱི་སྒོ་ལས་ཤེས་རིག་ལྷན་ཁག་གིས་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་འགོ་དང་པ་རྩིས་སྤྲོད་གནང་ནུག། འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གཞི་བཙུགས་འབད་ཞིནམ་ལས་ མཐོ་རིམ་སློབ་གྲྭ་ཚུ་གི་གྲལ་ལས་རིག་གཞུང་མཐོ་རིམ་སློབ་གྲྭ་ འདི་འགོ་ཐོག་དང་པ་གཙུག་ལག་སློབ་སྡེ་གི་འོག་ལུ་བཙུགས་ཡོདཔ་ལས་ ད་རེས་རིག་གཞུང་མཐོ་རིམ་སློབ་གྲྭ་འདི་གཙུག་སྡེ་གལ་ཆེ་ ཤོས་གཅིག་ཨིན། 

  • Front view
  • College Overview
  • Academic Zone
  • College Residential Area
  • Academic Area (Classrooms)

ལོ་ལེ་ཤ་གི་རིང་གཙུག་སྡེ་གིས་གལ་གནད་ཅན་གྱི་སློབ་རིག་ཡར་རྒྱས་འདི་རྒྱུན་སྐྱོང་འབད་འཛིན་སྐྱོང་འཐབ་སྟེ་ཡོད། མཐོ་རིམ་སློབ་གྲྭ་ལས་སློབ་སྦྱོང་དབྱེ་ཁ་སོ་སོ་ལས་མཐར་འཁྱོལ་མི་སློབ་ཕྲུག་ཚུ་ ལྷན་ཁག་དང་ལས་ཁུངས་ སྒེར་སྡེ་ནང་ལུ་ཕྱག་ཕྱིད་ཞུ་སྟེ་ཡོདཔ་ཨིན། སློབ་གྲྭ་འདི་གིས་སློབ་སྦྱོང་ལས་རིམ་དང་ཞིབ་འཚོལ་ཐབས་ཤེས་ཚུ་སྣ་ཁག་འབད་རྒྱ་སྐྱེད་བཏང་སྟེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་བསྟུན་ཞབས་ཏོག་ཕུལ་ནི་ལུ་བརྩོན་ཤུགས་སྐྱེདཝ་ཨིན།

Leave a Reply